Transforming our world
through nonviolent action
བོད་རང་བཙན་སློབ་ཕྲུག་ཚོགས་པ།

ང་ཚོའི་ལོ་རྒྱུས།

བོད་རང་བཙན་སློབ་ཕྲུག་ཚོགས་པ་ནི། ཕྱི་ལོ་༡༩༩༤ལོར་ནེའུ་ཡོག་ཏུ་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་། སློབ་ཕྲུག་ན་གཞོན་སྐོར་ཞིག་གིས་བཙུགས།

ཚོགས་པ་འདི་འཛུགས་དགོས་བའི་དགོས་དམིགས་ཡང་། བོད་རིགས་ན་གཞོན་དང་སློབ་ཕྲུག་མང་པོས་ཉེ་རབས་བོད་ཀྱི་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་ཆ་ཤས་གལ་ཆེན་ཞིག་བླངས་ཡོད་ཅིང་། དེ་ལ་བརྟེན་ནས། བོད་རང་བཙན་སློབ་ཕྲུག་ཚོགས་པ་འདི་རྒྱ་ཆེ་རུ་ཕྱིན་ཏེ། རྒྱལ་ཁབ་མ་འདྲ་བ་༣༥ལྷག་གི་ནང་དུ་།

སློབ་ཕྲུག་དང་སློབ་ཕྲུག་མ་ཡིན་པ་ཚོའི་མཉམ་དུ་འཛམ་གླིང་རྒྱ་ཁྱབ་ཀྱི་འབྲེལ་མཐུད་དྲ་བ་བཙུགས་ཐུབ་ཡོད། དེ་རིང་སང་ཉིན། ང་ཚོར་མཐོ་སློབ་མ་འདྲ་བ་དང་གཙུག་ལག་སློབ་གཉེར་ཁང་མ་འདྲ་བ། སྤྱི་ཚོགས་མ་འདྲ་བ་བཅས་ཁྱོན་བསྡོམས་༦༥༠ལྷག་ཏུ།-བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཚོགས་པ་ཡོད་པ་མ་ཟད་ནེའུ་ཡོག་ཏུ་ལས་ཁུངས་ལྟེ་བ་དེ་ཡོད།